2020-11-16 01:16:17
༢༠༡༨ལོའི༼ཁྲི་འདུ་རྒྱ་གར་ལུང་པ༽ཅེས་པའི་གླུ་དབྱངས་ནང་ཟོལ་མེད་བརྩེ་སེམས་ཀྱིས་ཕ་ཡུལ་གྱི་སྣོད་བཅུད་དགེ་མཚན་མཛེས་སྡུག་ངོ་མཚར་བརྗོད་ནས་ཡུལ་མི་སྤུན་གྲོགས་མིག་གི་ལོངས་སྤྱོད་གྱུར་བ་སྨོན།
2018年全力打造歌曲( 称多嘉嘎隆巴 ),
用爱和情感诠释了对故乡人文山水的眷恋!
由藏区著名音乐组合三江源兄弟成员 然吉作曲 &著名藏区词作者智江.才仁多杰作词 联手打造2018年新年歌曲( 称多嘉嘎隆巴 ),他们用爱和情感诠释了对故乡人文山水的眷恋。相信会给您带来不一样的听觉享受!
歌词
ཁྲི་འདུ་རྒྱ་གར་ལུང་པ།
ཚིག གྲི་རྐྱང་ ཚེ་རིང་རྡོ་རྗེ།
དབྱངས། གཙང་གསུམ་སྤུན་མཆེད་ཚན་རབ་རྒྱས།
ལེན་མཁན། གྲགས་པ་རྒྱལ་མཚན་དང་་དཀར་མོ་སྒྲོལ་མ་སོགས།
གངས་ལྗོངས་མདོ་སྟོད་སྒ་ལུང་གཡང་གི་ས།
སྒྱོགས་ཆེན་གདོང་ར་སྲིད་པའི་མཛེས་མཆོད་ཕུལ།
ས་ལ་གཏེར་ཁ་བཟང་བས་སྲོག་ཆགས་མང་།
སྐྱིད་པའི་ཡུལ་ལ་འགྲོ་མགོན་ཕེབས་པའི་དུས།
སྐལ་ལྡན་ཁྲི་ཚོ་འདུས་པས་ཁྲི་འདུ་བཏགས།
གཙང་གསུམ་རླབས་སྒྲ་རི་ལུང་མེ་ཏོག་བཀྲ།
མཛེས་པའི་ཕ་ཡུལ་བདེ་སྐྱིད་གླུ་སྒྲ་ཁྱབ།
ཨཱ་་་ཨཱ་་་ཡི་ཕ་ཡུལ་ཁྲི་འདུ་རྒྱ་གར་ལུང་།
གངས་ལྗོངས་མདོ་སྟོད་སྒ་ལུང་གཡང་གི་ས།།
སྐྱིད་དགའ་ཉི་མ་ཤར་བའི་ཁྲི་འདུ་ཡུལ།
མཇལ་ཐང་ཕྱུག་མོ་རྟ་ནོར་ལུག་གསུམ་གང་།
ཤུལ་བཞག་རིག་དངོས་གནའ་གྲོང་ལོ་རྒྱུས་རིང་།
གླིང་སྒྲུང་གེ་སར་མཛད་འཕྲིན་གཟི་འོད་འབར།
གྲུབ་དབང་སྐྱེས་ཆེན་དམ་པ་རྒྱུན་མི་ཆད།
དགའ་བའི་ཕ་ཡུལ་སྟོབས་འབྱོར་མངའ་ཐང་རྒྱས།
ཨཱ་་་་་ཨཱ་་་
ང་ཡི་ཕ་ཡུལ་ཁྲི་འདུ་རྒྱ་གར་ལུང་།
གངས་ལྗོངས་མདོ་སྟོད་སྒ་ལུང་གཡང་གི་ས།
ཁང་བརྩེགས་ཆ་ལུགས་མི་རིགས་ཁྱད་ཆོས་ལྡན།
འཆམ་མཐུན་ཞི་བདེ་རྣམ་དཀར་ལས་ལ་མོས།
གཟུགས་མཛེས་བློ་གསལ་ཆོས་ལྡན་བོད་པའི་རྒྱུད།
ཤེས་བྱ་རིག་པའི་རྒྱལ་ཁམས་སློབ་གླིང་ནས།
ན་ཆུང་ལང་ཚོའི་པད་མའི་འདབ་དྲུག་འཛུམ།
སྐྱིད་པའི་གནས་མཆོག་རིག་གནས་རྒྱ་མཚོ་འཁྱིལ།
ཨཱ་་་་་ཨཱ་་་ ང་ཡི་ཕ་ཡུལ་ཁྲི་འདུ་རྒྱ་གར་ལུང་།
གངས་ལྗོངས་མདོ་སྟོད་སྒ་ལུང་གཡང་གི་ས།
མཆོད་རྟེན་དཀར་བོ་འབྲི་ཆུ་རྒྱུད་ནས་མཛེས།
རྟ་རྩལ་ཕ་ས་བྲོ་གཞས་གླུ་སྐད་སྙན།
དབྱར་རྩྭ་དགུན་འབུ་རྩི་ཤིང་སྨན་རིགས་བཀྲ།
མཛེས་སྡུག་ཡིད་དབང་འཕྲོག་པའི་ས་ཆ་ལ།
སྤྲོ་བའི་ཕ་ཡུལ་གླུ་གར་གར་སྟབས་བསྒྱུར།
ཨཱ་་ ་ཨཱ་་་་ ང་ཡི་ཕ་ཡུལ་ཁྲི་འདུ་རྒྱ་གར་ལུང་།
ཚིག གྲི་རྐྱང ཚེ་རིང་རྡོ་རྗེ།
དབྱངས། གཙང་གསུམ་སྤུན་མཆེད་ཚན་རབ་རྒྱས།