བྱིས་པ་ཆུང་ཆུང་།
གཞས་ཚིག མདུང་རྩེ།
གདངས། རྟ་མགྲིན་ཚེ་རིང་།
ལེན་མཁན། བསོད་ནམས་སྐལ་བཟང་དང་སྒྲོལ་མ་མཚོ།
བྱིས་པ་ཆུང་ཆུང་ཨ་ཕའི་གཅེས་ཕྲུག་ཡིན།།
བྱིས་པ་ཆུང་ཆུང་ཨ་ཕའི་རྩིས་ཕྲུག་ཡིན།།
བྱིས་པ་ཆུང་ཆུང་ཁྱིམ་ཚང་དགོད་སྒྲ་ཡིན།།
བྱིས་པ་ཆུང་ཆུང་མྱུར་དུ་མཚར་ལོང་ཤོག།
བྱིས་པ་ཆུང་ཆུང་ཨ་མའི་རེ་བ་ཡིན།།
བྱིས་པ་ཆུང་ཆུང་ཨ་མའི་རྨི་ལམ་ཡིན།།
བྱིས་པ་ཆུང་ཆུང་ང་ཚོའི་བརྒྱུད་འཛིན་ཡིན།།
བྱིས་པ་ཆུང་ཆུང་ནད་མེད་བདེ་སྐྱིད་ཤོག།
བྱིས་པ་ཆུང་ཆུང་ཚོ་ཨ་མའི་རེ་བ་ཡིན།།
བྱིས་པ་ཆུང་ཆུང་ཚོ་ཨ་ཕའི་གཅེས་ཕྲུག་ཡིན།།
བྱིས་པ་ཆུང་ཆུང་ཚོ་ང་ཚོའི་བརྒྱུད་འཛིན་ཡིན།།
བྱིས་པ་ཆུང་ཆུང་ཚོ་ནད་མེད་བདེ་སྐྱིད་ཤོག།
ཁྱེད་ནི་ང་ཚོའི་བརྒྱུད་འཛིན་ཡིན།
བྱིས་པ་ཆུང་ཆུང་དཔྱིད་ཀྱི་ཁུ་བྱུག་ཡིན།།
བྱིས་པ་ཆུང་ཆུང་དགུན་གྱི་ཚ་བ་ཡིན།།
བྱིས་པ་ཆུང་ཆུང་ཚེ་རིང་ལོ་བརྒྱ་ཤོག།
བྱིས་པ་ཆུང་ཆུང་ཀ་ཁའི་རྩེད་གྲོགས་ཡིན།།
བྱིས་པ་ཆུང་ཆུང་དབྱངས་གསལ་སོ་བཞི་ཡིན།།
བྱིས་པ་ཆུང་ཆུང་རྒྱལ་ཁའི་བདག་པོ་ཡིན།།
བྱིས་པ་ཆུང་ཆུང་ནམ་ཡང་བདེ་སྐྱིད་ཤོག།
བྱིས་པ་ཆུང་ཆུང་ཁྲི་ལོ་བརྟན་པར་ཤོག།
བྱིས་པ་ཆུང་ཆུང་ཚོ་ཨ་མའི་རེ་བ་ཡིན།།
བྱིས་པ་ཆུང་ཆུང་ཚོ་ཨ་ཕའི་གཅེས་ཕྲུག་ཡིན།།
བྱིས་པ་ཆུང་ཆུང་ཚོ་ང་ཚོའི་བརྒྱུད་འཛིན་ཡིན།།
བྱིས་པ་ཆུང་ཆུང་ཚོ་ནད་མེད་བདེ་སྐྱིད་ཤོག།
ཁྱེད་ནི་ང་ཚོའི་བརྒྱུད་འཛིན་ཡིན།